རྒྱུན་ལྡན་ཕྱག་ཁྱེར།

གསུང་ཆོས་ཀྱི་ཕྱག་ཁྱེར་ཕྱི་ཟླ་དྲུག་པའི་ཟླ་འཇུག་ནས་ཉོ་ཐུབ།

ཕྱག་ཁྱེར།

གསུང་ཆོས་ར་བར་ཞུགས་ཆེད་ཕྱག་ཁྱེར་རིམ་པ་འདྲ་མིན་གྲ་སྒྲིག་ཞུས་ཡོད།  ཕྱག་ཁྱེར་འདྲ་མིན་ཁག   Ticketcorner   བརྒྱུད་ཉོ་དགོས། 

སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནི་ཚོང་ཁེ་མེད་པ་ཞིག་ཡིན་སྟབས་ཕྱག་ཁྱེར་རིན་འབབ་རྣམས་གསུང་ཆོས་ཀྱི་འགྲོ་གྲོན་ཁོ་ནར་གཏང་རྒྱུ་ཡིན།

ཕྱག་ཁྱེར་རིམ་པ་གཤམ་གསལ།

རིམ་པ་དང་པོ། སུད་སྒོར་ ༡༢༠
རིན་པ་གཉིས་པ། སུད་སྒོར་ ༩༠
རིམ་པ་གསུམ་པ།  སུད་སྒོར་ ༧༠
རིམ་པ་བཞི་པ། སུད་སྒོར་ ༥༥
རིམ་པ་ལྔ་པ། སུད་སྒོར་ ༤༠

ཕྱག་ཁྱེར་ཉོ་ཆེད་གཤམ་གྱི་དྲ་ཐག་བེད་སྤྱོད་གཏོང་གནང་ཞུ། Ticketcorner


སྦྱིན་བདག་རྣམ་པར་དམིགས་བསལ་ཕྱག་ཁྱེར་འབུལ་རྒྱུ་ཡིན།  སྦྱིན་བདག་གི་ཕྱག་ཁྱེར་མངགས་ཉོ་ཆེད་གནས་ཚུལ་རྒྱས་པ་དྲ་ཐག་འདིར་གཟིགས་རོགས།

གསུང་ཆོས་སུ་ཕེབས་སྐབས་ཚང་མས་ཁོར་ཡུག་དང་མཐུན་པའི་འགྲིམ་འགྲུལ་བེད་སྤྱོད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ། 
གསུང་ཆོས་གནང་ཡུལ་ HALLENSTADION སྐོར་གནས་ཚུལ་འདིར་གཟིགས།

གྲྭ་བཙུན་དང་གནས་ཡོད་མི་སྣ།

འབྲེལ་ཡོད་གྲྭ་བཙུན་དང་དམིགས་བསལ་མི་སྣ་རྣམ་པ་གསུང་ཆོས་ཀྱི་ཕྱག་ཁྱེར་ཐད་ས་གནས་དོན་གཅོད་ལས་ཁུངས་སུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།

དོན་གཅོད་ལས་ཁུངས་ཀྱི་ཞལ་བྱང་།
The Tibet Bureau
Place de la Navigation 10
CH-1201 Genf

Tel. +41 22 738 79 40
Fax +41 22 738 79 41
E-Mail: info (at) tibetoffice.ch
Internet: www.tibetoffice.ch

བྱིས་པ།

བྱིས་པ་ལོ་གཉིས་དང་དེའི་ཡན་ལ་རྒྱུན་ལྡན་ལག་ཁྱེར་དགོས་པ་ཡིན།