སྦྱིན་བདག

སུད་སྒོར་ ༥༠༠།༠༠ ཡན་གནང་མཁན་རྣམས་ལ་སྦྱིན་བདག་ངོས་འཛིན་གྱི་ཕྱག་ཁྱེར་ཕུལ་རྒྱུ། ལག་ཁྱེར་འདིའི་རིགས་ལ་དམིགས་བསལ་གྱི་སྣེ་ལེན་དང་ཕེབས་ལམ་ལོགས་སུ་ཡོད། ཐེངས་འདིའི་སྦྱིན་བདག་རྣམས་ལ་དམིགས་བསལ་མཐུན་རྐྱེན་གཞན་དག་ཡོད་པ་གཤམ་གསལ།

  • དམིགས་བསལ་གྱི་ཕེབས་ལམ།
  • ཉིན་གུང་གསོལ་ཚིགས།
  • ཕེབས་བསུའི་ཞབས་ཞུ།

སྦྱིན་བདག་གི་ཕྱག་ཁྱེར་ཉོ་སྟངས།

༡༽ ཉིད་ནས་གཤམ་འཁོད་དངུལ་ཁང་ཐོག་ཞལ་འདེབས་གནང་རྗེས་གཤམ་གྱི་འགེངས་ཤོག་ངེས་པར་སྐོངས་དགོས།

༢༽ གལ་སྲིད་ཉིད་ནས་གཞན་ཞིག་གི་མཚན་ཐོག་ཏུ་ཕྱག་ཁྱེར་ཉོ་དགོས་ཚེ་དེའི་མཚན་ཁ་གསལ་འགོད་དགོས།

༣༽ དངུལ་ཁང་དུ་ཉུང་མཐར་སུད་སྒོར་ ༥༠༠།༠༠ བཏང་རྗེས་ sponsor@dalailama2016.ch ཡིག་ཟམ་འདིའི་ནང་དུ་བརྡ་ལན་གནང་གལ་ཆེ།

དངུལ་ཁང་ཁ་བྱང་།

Bank: Credit Suisse, 8070 Zürich
Bankleitzahl: 4835
Kontoname: Dalai Lama – Zürich 2016
Lautend auf: Tibeter Gemeinschaft in der Schweiz & Liechtenstein, Binzstrasse 15, 8045 Zürich
Kontonummer: 0355-281347-01-11

IBAN: CH29 0483 5028 1347 0101 1
BIC: CRESCHZZ88G

འབྲེལ་ཟམ།

Please add 6 and 9.

 

གལ་ཏེ་སྐུ་ཉིད་ནས་ཕྱག་དངུལ་དངུལ་ཁང་བརྒྱུད་གཏོང་རྒྱུ་དང་ཡིག་ཟམ་བེད་སྤྱོད་བྱེད་པར་སྐུ་ངལ་རིགས་འཕྲད་ཚེ་གཤམ་འཁོད་དངུལ་གཉེར་ལགས་སུ་འབྲེལ་བ་ནང་ཆོག

ཀརྨ་འཕྲིན་ལས།
ཞལ་པར། +༤༡ ༧༦ ༥༣༥ ༥༨ ༠༠